[109A]གར་སྐད་དུ། ཨཱརྱ་མ་ཧཱ་ཤྲི་ཡཱ་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཔལ་ཆེན་ མོའི་མདོ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ ན་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་དེ་ནས་བཅོམ་ལྡན་འདས་ [109B]དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དཔལ་ཆེན་མོའི་མཚན་བཅུ་གཉིས་པོ་འདི། དགེ་སློང་ངམ་ དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དེ་མ་ཡིན་པ་གཞན་ཡང་རུང་སྟེ། གང་གིས་ཤེས་པ་དང། གང་ལ་ལ་འཆང་བ་དང། ཀློག་པ་དང། འབྲི་བ་དང། འབྲིར་ འཇུག་པ་དེ་ནི། དབུལ་བ་བོར་ཏེ་ཕྱུག་པོར་འགྱུར་རོ། །དེ་ནས་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་དེ་ལྟར་གྱུར་ཅིག་ཅེས་ཀུན་ནས་གསོལ་ཏོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ དཔལ་ཆེན་མོའི་མཚན་བཅུ་གཉིས་པོ་བཀའ་སྩལ་པ་འདི་ལྟ་སྟེ། དཔལ་ལྡན་མ། བཀྲ་ཤིས་མ། པདྨའི་ཕྲེང་བ་ཅན། །ནོར་གྱི་བདག་མོ་དཀར་མོ། གྲགས་པ་ཆེན་མོ། པདྨའི་སྤྱན་ འོད་ཆེན་མོ། བྱེད་པ་མོ། ཟས་སྦྱིན་མ། རིན་པོ་ཆེ་རབ་ཏུ་སྦྱིན་མ། དཔལ་ཆེན་མོ། སྱཱད་ཐ་ཐེ་ད་ན། ཛི་ནི། གྷྲི་ཎི། སརྦ་ཨརྠ་སཱ་དྷ་ནི། ཤ་ཤི་ནི། ཨ་ལཀྵྨི་ཎི། མེ་ནཱ་ཤ་ཡ་སིདྡྷྱནྟུ་མེ་ མནྟྲ་པ་དཱ་སཱ་ཧཱ། ཨོཾ་བཧྲྀ་ཀུ་ཊཱི་པ་ར་མ་སུ་བྷ་གེ་སཱ་ཧཱ། ལན་གསུམ་དུ་བརྗོད་པར་བྱ་སྟེ། གང་ལ་ལ་དུས་གསུམ་དུ་འདོན་པ་དེའི་མི་མཐུན་པའི་ཕྱོགས་ཐམས་ཅད་འཇིག་པར་འགྱུར་རོ། ། སྐལ་པ་བཟང་པོ་དང་ལྡན་པར་འགྱུར་རོ། །འབྱོར་པ་ཟད་མི་ཤེས་པར་འགྱུར་རོ། །མི་དང་ཕྲད་དུ་འགྲོ་བའི་ཚེ་བཀླགས་ནས་ཕྲད་པ་བྱས་ན། མི་དེས་དེ་ལ་བུའི་འདུ་ཤེས་སྐྱེད་པར་ [110A]༄༅། །འགྱུར་ཏེ་དགའ་བར་ཡང་འགྱུར་ལ་ཇི་སྐད་བསྒོ་བ་བཞིན་བྱེད་དོ། །རྟག་ཏུ་རྒྱུན་མི་འཆད་པར་བཀླགས་ན། ཚངས་པ་བྲམ་ཟེས་དྲག་ཤུལ་གྱི་ ལས་བྱས་ཀྱང་མི་ཚུགས་པར་འགྱུར་ལ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་ཡང་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་ དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཔལ་ཆེན་མོའི་མདོ་རྫོགས་ སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་